མཛའ་བརྩེ་ལྡན་པའི་གྲོགས་པོ་རྣམ་པ་ཚོ། ཚང་མ་བཀྲ་ཤིས་བདེ་ལེགས།

  དེ་རིང་ངས་ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་དང་། ཀྲུང་གོའི་བོད་ལྗོངས་དྲ་བ་འདི་གཉིས་བརྒྱུད་ནས། རྒྱལ་ཁབ་ཕྱི་ནང་གི་སྤུན་ཟླ་རྣམས་ལ་དཔྱིད་གསར་དུས་ཆེན་དང་བོད་ལོའི་ལོ་གསར་གྱི་འཚམས་འདྲི་ཞུ་རྒྱུ་ཡིན།

  འདས་ཟིན་པའི་ལོ་གཅིག་གི་ནང་ལ་འགྲོ་བ་མིའི་རིགས་ཀྱི་ཤེས་རིག་དཔལ་ཡོན་མུ་མཐུད་དེ་གོང་མཐོར་སོང་ཡོད་པ་དང་། རྒྱལ་ཁབ་དང་ས་གནས་ཁག་དབར་ལ་འབྲེལ་བ་གང་མང་བྱས་ཡོད་པ་མ་ཟད། ཁྱིམ་ཚང་རེ་རེ་ལ་ཡང་ཡར་རྒྱས་དང་གྲུབ་འབྲས་མི་དམན་པ་ཐོབ་ཡོད། དེ་བཞིན་མི་སོ་སོའི་སེམས་ཁམས་ཀྱི་ཤེས་བྱ་དང་རྟོག་པ་ཡང་གོང་མཐོར་སོང་ཡོད།

  ངའི་རེ་བར་ལོ་གསར་པའི་ནང་ལ་ང་རང་ཚོས་དུས་རབས་འཕེལ་རྒྱས་དང་། ཚན་རིག་གོང་འཕེལ། དུས་བདེ་ལྷིང་འཇགས་བཅས་ཀྱི་གོ་སྐབས་བཟང་པོ་དམ་འཛིན་བྱས་ནས། ང་རང་ཚོའི་ནང་སེམས་འདི་ཉིད་སྔར་བས་ཕུན་སུམ་ཇེ་ལེགས་སུ་བཏང་ནས། སྤྱི་ཚོགས་སྔར་བས་ཡག་ཐོག་ཡག་བརྩེགས་ཡོང་བ་དང་། མི་རིགས་ཁག་གི་མི་དམངས་རྣམས་འཚོ་བ་བདེ་ཞིང་སྐྱིད་པ་ཡོང་བའི་ཆེད་དུ་འབད་བརྩོན་བྱེད་དགོས།

  མཚམས་འདིར་ངས་འཛམ་གླིང་ཞི་བདེ་དང་། སྤྱི་ཚོགས་ཞི་མཐུན། ཁྱིམ་ཚང་ཞི་འཇམ། མི་སེམས་ཞི་བར་གནས་པའི་སྨོན་འདུན་ཞུ་རྒྱུ་ཡིན། བཀྲ་ཤིས་བདེ་ལེགས།

  酷爱的列位朋侪:

  

  本日我经过中间播送电视总台和威彩彩票👓威彩手机版👓威彩电子,向海外外的同胞,致以春节和藏积年的祝愿!

 

  在已往的一年里,人类文明有了更多的沉淀,国度地域间有了更多的融会,每一个家庭都有差别的前进和劳绩,每一小我私家的心田,也会有本身新的意会和升华。

 

  我盼望在新的一年里,我们驾驭住期间生长、科技前进、宁静安定的大好局面,让本身的心田越发充分,让社会变得越发优美,让各族人民过得越发幸福。

 

  我衷心祝愿和祷告:天下宁静,社会调和,家庭友爱,民气温顺。扎西德勒!

  Dear friends:

  Today, through China Media Group, I send the best holiday wishes to all my fellow countrymen, home and abroad, for the upcoming Chinese Lunar New Year and Tibetan Calendar New Year.

  The past year has witnessed more sedimentary accretion in human civilization, more interactions in global development, various achievement or improvement in every family and new insights and sublimation in every individual's mind.

  I hope that in the new year, we can make good use of the great situation of the development of the times, science and technology progress, peace and tranquility, enrich our hearts, make our society better and make people of all nationalities happier.

  With my heart, I wish and pray for world peace, harmony of society, the happiness of families, and the serenity of people's hearts. Thank you. Tashi Delek.